ཚང་མས་ཤབ་ཤུབ་ངང་ལེ་བདའ་བྱེད་ཀྱིན་འདུག ལེ་བདའ་བྱེད་ཀྱིན ཚང་མས་གནས་ལུགས་བཤད་ན་འདོད། དབྱེ་བཀར་མེད་པའི་དྲང་བདེན་དགོས “མཇུག་ཏུ་ཡོང་མཁན་ཚོས་ཟ་མ་ཟོས་ཚར་གྲབས་འདུག སྔོན་ལ་སླེབས་མཁན་དག་ད་དུང་གྲལ་གྱི་ནང་ལྷག་འདུག” དོ་དམ་པས་ཁོ་ཚོར་འགྲེལ་བཤད་རྒྱག་དོན། འགྲེལ་བཤད་རྒྱག་དོན “སྙིང་ཉེ་ཚོ། སྡིགས་དམོད་མ་གནང་། ཕར་ལ་རྒྱུགས་རོགས། ད་ལྟ་བཞེས་ལག་¹ མཆོད་ཀྱིན་པ་ཚོ་ནི་ཕྱི་རྒྱལ་གྱི་ཡུལ་བསྐོར་བ་རེད། དགོངས་དག ཁྱེད་ཚོ་ནི་ཁོང་ཚོ་དང་གདན་གྲལ་གཅིག་གི་མི་མ་རེད།” ཚང་མས་ཤབ་ཤུབ་ངང་ལེ་བདའ་བྱེད་ཀྱིན་འདུག ལེ་བདའ་བྱེད་ཀྱིན ཚང་མས་གནས་ལུགས་བཤད་ན་འདོད། དབྱེ་བཀར་མེད་པའི་དྲང་བདེན་དགོས “མཇུག་ཏུ་ཡོང་མཁན་ཚོས་ཟ་མ་ཟོས་ཚར་གྲབས་འདུག སྔོན་ལ་སླེབས་མཁན་དག་ད་དུང་གྲལ་གྱི་ནང་ལྷག་འདུག” དོ་དམ་པས་ཡང་བསྐྱར་ཚིག་འཇམ་བཀོལ་ནས་འགྲེལ་དོན། “སྙིང་ཉེ་ཚོ། ཁྱོད་ཚོ་འདི་རུ་མ་འདུག་ཕར་ལ་འགྲོ་རོགས། ད་ལྟ་བཞེས་ལག་མཆོད་ཀྱིན་པ་དག་ནི་འཐུས་མི་རེད། དགོངས་དག ཁྱེད་ཚོ་ནི་ཁོང་ཚོ་དང་གདན་གྲལ་གཅིག་གི་མི་མ་རེད།” ཚང་མ་གྲལ་ནང་འགྲེངས་ཀྱིན་འབྲུག་སྒྲ་ལྟ་བུའི་སྐད་འབོད་བརྒྱབ། ཚང་མས་གནས་ལུགས་བཤད་ན་འདོད། དབྱེ་བཀར་མེད་པའི་དྲང་བདེན་དགོས “མཇུག་ཏུ་ཡོང་མཁན་ཚོས་ཟ་མ་ཟོས་ཚར་གྲབས་འདུག སྔོན་ལ་སླེབས་མཁན་དག་ད་དུང་གྲལ་གྱི་ནང་ལྷག་འདུག” |
¹ བཞེས་ལག་ནི་ཟས་ཀྱི་ཞེ་ས་ཡིན། |
© ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།. Translation, 2015Namloyak Dhungser |